酒 - 祥丹慈 词:祥丹慈 曲:祥丹慈 编曲:岗尔殛 འདི་ང་ཡི་སྤུན་ཟླ། དེ་ཡང་ང་ཡི་སྤུན་ཟླ། ཁོ་ཡང་ང་ཡི་སྤུན་ཟླ་རེད། སྐྱིད་ཀྱི་རྟ་ཕོ་བཞོན་རོགས། སྡུག་གི་ཁུར་བོ་ཁུར་རོགས། ཡ་ཁོ་རེ།གཞོན་པའི་སྣང་བ་རེད། ཨ་རག་བདུད་རྩི་རེད། དུག་འཐུང་ན་ཤི་འགྲོ་ན། ཆང་འཐུང་ན་བཟི་ལོས་དགོས། ཧ་ཧ་་་ཧ་་་་་ ཚང་མས་སྐྱིད་པོ་འཐུང་། ཨ་རག་ཅིག་འཐུང་ནས་བཟི་སོང་། ཨ་རག་ཅིག་འཐུང་ནས་བཟི་སོང་། མདང་ནུབ་དྲན་པ་བརྒྱལ་སོང་། མདང་ནུབ་ངོ་མ་བཟི་སོང་། zམདང་ནུབ་ཅི་ཡང་མེད་སོང་། མིག་མེད། སྣ་མེད། རྣ་མེད། ལྕེ་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རེག་བྱ་མེད། ད་དུང་རྣམ་པར་ཤེས་པ་མེད་སོང་། རྣམ་ཤེས་བཟི་སོང་། རྣམ་ཤེས་བརྒྱལ་སོང་། འཐུང་ཤེས་ན་བདུད་རྩི་དང་། འཐུང་མ་ཤེས་ན་སྨྱོ་ཆུ་ཟེར་བ་ཅི་མ་བདེན། བདུད་རྩི བདུད་རྩི། སྨྱོ་ཆུ་སྨྱོ་ཆུ། ངོ་མ་བཟི་སོང་། ཆང་གིས་བཟི་སོང་། སྙིང་རྗེ། ད་དུང་། མཛུབ་མོ་གཤག་འདུག མགོ་བོ་སྐྲང་འདུག པུས་མོ་ཡང་བཀས་འདུག ཨ་ལེ ང་ཚོ་སྙིང་མ་རྗེ། ཡོད་ཚད་ཆང་རེད ། རེད་རེད་ཆང་རེད། སྨྱོ་ཆུ་རེད དུག་ཆུ་རེེད། དཀྲུག་ཆུ་རེད། ང་ཚོ་ན་ནིང་བཟི་བསྡད། གཞེས་ནང་བཟི་བསྡད། དགུ་གནང་བཟི་བསྡད། བཟི་བཟི་ནས། ལུས་པོ་གཡོན་བྱུང་། མདུན་ལམ་གཡོན་བྱུང་། རེ་བ་གཡོན་བྱུང་། རྨི་ལམ་གཡོན་བྱུང་། ད་དུང་བརྩེ་བ་ཡང་གཡོན་བྱུང་། ངོ་མ་བཟི་སོང་། ང་ཚོ་ཆང་གི་བཟི་ནས་ལུས་པོ་གཡོན་བྱུང་། མདུན་ལམ་གཡོན་བྱོང་རེ་བ་གཡོན་བྱུང་ཚང་མ་གཡོན་སོང་། ང་ཚོ་མཉམ་དུ་བཟི་ནས་ལོ་མང་པོ་འགོར་སོང་། ང་ཚོས་རྨི་ལམ་བོར་ནས་ལོ་མང་པོ་འགོར་སོང་། ང་ཚོས་ཕུགས་བསམ་བོར་ནས་ལོ་མང་པོ་འགོར་སོང་། འདང་ཞིག་ཞིག་བརྒྱབ་ན་ངོ་མ་མིག་ཆུ་འཆོར་གི ང་ཚོར་འོད་སྟོང་ལྡན་པའི་མདུན་ལམ་ཡངས་པོ་ཞིག་ཡོད་ཆོག་ཆོག་ཡིན། ད་དུང་ང་ཚོར་ང་ཚོའི་ལང་ཚོ་ཟེར་བ་ཞིག་ཀྱང་ཡོད་ཆོག་ཆོག་ཡིན། མི་རབས་གསར་པ་ཞིག་ཆང་གིས་བརླག་རྒྱུ་རེད། 404

404,您请求的文件不存在!