情歌 - 天杵 དགའ་གླུ། ང་ཡིས་ཁྱེད་ལ་བཅངས་པའི་བརྩི་གདུང་དེ། མཛེས་ཞིང་མཐོ་བའི་གངས་རི་མཐོན་པོས་པང་རྟགས་བྱས་མཆོག། བརྩེ་སེམས་མེ་ཏོག་སྣ་ཚོགས་བཞད་པ་དང་། ལོ་ངོ་བརྒྱ་ཕྲག་གོང་གི་གླུ་གཞས་དེ་ནི་གནམ་ཡང་པུ་ཆུང་ང་ཡི་སེམས་ལ་འཁོར། ཆུང་དུས་དྲིན་ཆེན་ཕ་མའི་བྱམས་སྐྱོངས་འོག་ལ་། གང་འགྲོ་གང་བྱེད་རང་གི་འདོད་མེ་ཡིན། རྨི་ལམ་ཡིན་ཡང་གྲོ་ཤིང་སྔར་ལས་ལྷག། ད་ཆ་རང་གི་འཚོ་ཝ་རང་གི་རང་གི་བསྐྱལ་བའི་སྐབས། གཡས་ལ་འགྲོ་དགོས་བསམ་སྐྱང་གཡོན་ལ་ཤོར། ད་ཆ་ང་རང་འགྲོ་བའི་ལམ་བུ་དེ། མི་དང་མི་ཡི་འབྱོར་ཝ་ཟང་ཟིང་འོག་ལ་གཞིགསདང་། ཁྱོད་ཀྱི་མཐོང་། རྫུན་གཏམ་སྣ་ཚོགས་དཀྱིལ་ལ་དགད་མོ་ཤོར་བཞིན་གླུ་དེ་སེམས་ལ་འཁོར། བྱ་དེ་འཁྲུང་འཁྲུང་དཀར་མོ། ང་ལ་ཤོག་བརྩལ་གཡར་དང་། ཐག་རིང་བརྒྱབ་ནས་མ་འགྲོ་ལི་ཐང་བསྐོར་ནས་བསླེབ་ཡོང་། ཐག་རིང་བརྒྱབ་ནས་མ་འགྲོ་ལི་ཐང་བསྐོར་ནས་བསླེབ་ཡོང་། ཨའ་ཨའ་ཨའ……ཨའ་ཨའ་ཨའ…… ཐག་རིང་བརྒྱབ་ནས་མ་འགྲོ་ལི་ཐང་བསྐོར་ནས་བསླེབ་ཡོང་། འཚོ་བའི་དཀའ་སྡུག་བསྐོས་ཆ་དེ་ཡི་ནང་དུ་ལས་ཀྱི་བོ་མོ་ཁྱེད་དང་མཉམ་དུ་ཁྲད། དྭངས་ཞིང་གཙང་བའི་བརྩི་གདང་དང་པོ་དེ་ཕངས་སེམས་མེད་པར་ཁྱེད་ལ་བཅངས་པ་ཡིན། ང་ཡི་ཁྱེད་ལ་བཅངས་པའི་བརྩི་གདུང་དེ་ གངས་རི་མཐོན་པོས་སྤང་སྟགས་མཚོན་བྱས་ཆོག། འོན་ཀྱང་ནམ་ཞིག་ཁྱོད་ཀྱིས་སྐད་ཆ་དེ་ཡི་ནང་དུ། སེམས་ཀྱི་སེམས་ལ་བཅངས་པའི་བརྩེ་སེམས་དགས་པར་བྱས། ང་ལ་རྒྱུ་ཡི་བང་མཛོད་ཆེན་པོ་མེད་པ་མཁྱེན། ང་ལ་དབང་གི་གང་འདོད་མི་མཆོག་མཁྱེན། སེམས་ལ་བཟོད་པས་མ་བསྡོད་རང་གིས་བཅོད། སེམས་གསོ་བསྐྱེས་བཞིན་ཡང་བསྐྱར་གླུ་དེ་སེམས་ལ་འཁོར། རྒྱ་གར་ཤར་གི་རྨྱ་བྱ། ཀོང་ཡུལ་ཁུལ་གྱི་ནེ་ཙོ། འཁྲུངས་ས་འཁྲུངས་ཡུལ་མ་ཅིག་འཛོམས་ས་ཆོས་འཁོར་ལྷ་ས། འཁྲུངས་ས་འཁྲུངས་ཡུལ་མ་ཅིག་འཛོམས་ས་ཆོས་འཁོར་ལྷ་ས། འཁྲུངས་ས་འཁྲུངས་ཡུལ་མ་ཅིག་འཛོམས་ས་ཆོས་འཁོར་ལྷ་ས།